痛苦与荣耀

评分:
6.0 还行

原名:Dolor y gloria又名:万千痛爱在一身(港) / Pain & Glory

分类:剧情 / 同性 /  西班牙   2019 

简介: 佩德罗·阿莫多瓦、安东尼奥·班德拉斯、佩内洛普·克鲁兹将合作新片《痛苦与荣耀》(

更新时间:2020-10-14

痛苦与荣耀影评:སྡུག་བསྔལ་དང་ལག་རྗེས།


སླར་ཡང་ཨ་མོ་ཏོ་ཝ་ཡི་གློག་བརྙན་ལ་མཇལ་ཐུབ་སོང་། ཁོང་གི་ཆེས་ཐོག་མར་བལྟས་པའི་གློག་བརྙན་ནི་ཕྱིར་ལོག་རེད།

འདི་ལ་བལྟས་པ་ནས་བཟུང་ཁོང་གི་གློག་བརྙན་གྱི་གཏམ་རྒྱུད་བརྗོད་སྟངས་དང་པར་མིག གཏམ་རྒྱུད་བཅས་ཀྱིས་ཡིད་དབང་འཕྲོག

དེའི་རྗེས་སུ་ངའི་ཨ་མའི་ཡོད་ཚད་ལ་བལྟས་ཤིང་། ཨ་མ་ཞིག་གིས་བུ་ལ་བཅིངས་པའི་བརྩེ་སེམས་ཡོད་ཚད་དང་ཨ་མའི་ཕྱི་ནང་གསང་གི་ཡོན་ཏན་ཐམས་ཅད་མ་ལུས་མིག་ངོར་བཤམས་པས་ཧ་ལས་པར་བྱེད།

སླར་ཡང་ང་བསྡམས་ཤིང་ང་བཀྱིག་རོགས་ཞེས་པའི་གློག་བརྙན་དེ་ཡིས་མིག་རྒྱ་བསྐྱེད་ཅིང་། གཏམ་རྒྱུད་བྱུང་རིམ་གྱིས་འདང་རྒྱག་ཁྲོད་ཚུད་དུ་བཅུག དགའ་བ་ངོ་མ་ནི་དོན་དམ་དེ་འདྲ་ཞིག་ངེས་ལ། མི་གཤིས་ལ་ཀུན་སྤྱོད་དང་ཁྲིམས་ཀྱིས་བསྡམས་པ་མ་གཏོགས་ངས་ཀྱང་དེ་ལྟར་བྱ་ངེས་པའི་སྣང་པ་སྐྱེས་སུ་བཅུག

ད་དུང་ཁོ་མོར་མཚོན་ན་ཞེས་པའི་གློག་བརྙན་དེས། མི་སེམས་ཀྱི་གཏིང་ཟབ་སར་ལག་རྙོབ་བྱས་ནས། བརྩེ་བའི་མཐར་ཐུག་དེ་བསེད་བཀྲོལ་བྱས་ཡོད་ལ། ཁེར་རྐྱང་དང་སྡུག་ཡུས་སོགས་ནི་ནམ་ཡང་ཡལ་ཐབས་མེད།

ངའི་ཤ་པགས་ཞེས་པའི་གློག་བརྙན་དེས། གློ་འཚབ་བྱུང་ནས་མི་སེམས་སྨྲེང་ཡེར་བར་བྱེད་ཅིང་། ཡུན་རིང་ཞིག་ལ་ང་རང་སྡུག་ལ་སྦྱར། སྐབས་དེའི་སེམས་ཚོར་ནི་སྨྲ་མི་ཤེས་པ་ཞིག་ཡིན་ལ་བརྗེད་དུ་མེད་པ་དང་། སྐྱི་གཡའ་བ་ཞིག་ཀྱང་རེད་དོ།།

ད་ཡང་གློག་བརྙན་སྡུག་བསྔལ་དང་ལག་རྗེས་བྱས་པའི་གློག་བརྙན་འདིར་བལྟས་ཤིང་། གཏམ་རྒྱུད་ཁྲོད་ཀྱི་གཏམ་རྒྱུད་དང་། མི་སེམས་ཀྱི་སྡུག་བསྔལ་དང་ཁེར་རྐྱང་། ན་བའི་སྡུག་བསྔལ་དང་རྒས་པའི་གཉེར་མ། བརྩེ་བའི་ཤབ་ཤུབ་སོགས་ཀྱིས་ཡིད་སེམས་རྨང་ནས་བཀུག་འགྲོ་ལ། གློག་བརྙན་འདི་འདྲའི་ཡག་པ་ཞིག་ལ་བལྟ་རྒྱུ་བྱུང་བ་ནི་བསོད་ནམས་ཤིག་ཏུ་འདོད། འདིར་ཡང་གློག་བརྙན་འཁྲབ་ཁྲིད་པ་ཞིག་གི་ཉིན་རྒྱུན་འཚོ་བ་དང་འགྲོགས་ནས་ཚེ་འདིའི་མཚར་སྡུག་དང་སྐྱོ་ཉམས་སོགས་བརྗོད་ཡོད་ལ། གློག་བརྙན་ཕབ་མ་ཐུབ་ཚེ། མི་ཚེ་ལ་སྙིང་པོ་མེད། ཞེས་པའི་འཁྲབ་ཚིག་དེས་སེམས་ལ་ན་ཟུག་སྟེར་ཡོང་།


痛苦与荣耀的相关影评

  • 6.4分 高清

    极光之爱

  • 7.4分 高清

    爱,藏起来

  • 6.4分 高清

    基友大过天

  • 7.1分 高清

    赤裸而来

  • 7.5分 高清

    萌动

  • 6.4分 高清

    神的孩子奇遇记

  • 7.5分 高清

    日后此痛为你用

  • 7.7分 高清

    非诚勿语

下载电影就来米诺视频,本站资源均为网络免费资源搜索机器人自动搜索的结果,本站只提供最新电影下载,并不存放任何资源。
所有视频版权归原权利人,将于24小时内删除!我们强烈建议所有影视爱好者购买正版音像制品!

Copyright © 2022 米诺视频 icp123