撞死了一只羊

评分:
6.0 还行

原名:撞死了一只羊又名:ལག་དམར། / Jinpa

分类:剧情 /  中国大陆  2018 

简介: 司机金巴在路上撞死了一只羊,决意超度此羊;杀手金巴即将找到杀父仇人,准备报仇雪恨

更新时间:2019-05-03

撞死了一只羊影评:གློག་བརྙན་ལག་དམར་གྱི་དངོས་དང་ཟོལ།

ངས་གློག་བརྙན་ལག་དམར་ལ་གོ་བ་འདི་ལྟར་བླངས་ཡོད།

མུ་མཐའ་མི་མངོན་པའི་ངམ་ཐང་དང་ཤར་རླུང་རྟགས་ཅན་གྱི་ཟོག་སྐྱེལ་རླངས་འཁོར།ཀོ་བའི་སྟོད་ཐུང་དང་དངུལ་གྱི་མཛུབ་དཀྲིས།པེ་ཝེ་སྦི་རག་དང་དབྱི་ཐ་ལེའི་ཕ་ཝ་ལའོ་ཏུའུ(Luciano Pavarotti)་སོགས་ཀྱི་བོད་འགྱུར་གླུ་དབྱངས་ང་ཡི་ཉི་མ།བློ་གསལ་གྱི་གླུ་དབྱངས་འདི་དག་ཀུན་ནི་ང་ཚོར་མཚོན་ན་ཡུལ་དུས་ཀྱི་ཐོལ་བརྒལ་ངེས་ཅན་ཡོད་པ་ཞིག་ཡིན་ཞིང་།གློག་བརྙན་གྱི་སྒྲིག་སྟངས་ཧྲིལ་བོ་ནི་རྨི་ལམ་ལྟ་བུའི་སྣང་བ་རབ་རིབ་པ་ཞིག་ཡིན་ཏེ།ཆེས་མཇུག་གི་སྦྱིན་པའི་རྨི་ལམ་གྱི་སྟེང་ནས་བཤད་ན་བལྟ་མཁན་མང་བོ་ཞིག་གློག་བརྙན་ཡོངས་རྫོགས་ནི་རྨི་ལམ་ཞིག་ལྟར་དུ་སྣང་བའི་མྱོང་བ་དེའང་མི་སྟེར་བའི་ངེས་པ་མེད་དོ།།འདི་གར་པདྨ་ཚེ་བརྟན་གྱི་གློག་བརྙན་ལག་དམར་བྱ་བ་འདིར་རང་ངོས་ནས་གོ་བ་ལེན་སྟངས་ཤིག་བྲིས་ན།གློག་བརྙན་འདི་ལ་དངོས་དང་ཟོལ་གཉིས་ཀྱི་ཆ་དང་ལྡན་པ་ཞིག་ཡིན་ཏེ།
དང་བོ།སྦྱིན་པའི་བསྡུས་གཟུགས།
ཐོག་མར་འདིའི་ནང་གི་མི་སྣ་གཙོ་བོ་གཉིས་ཏེ་སྦྱིན་པ་ལ་རང་ངོས་དཔྱད་པ་ཞིག་བཏང་བར་བྱ།ཐོག་མར་དེ་གཉིས་ཀྱི་འདྲ་བའི་ཆ་བཤད་པར་བྱ་སྟེ་གཉིས་ཀའི་མིང་ལ་སྦྱིན་པ་ཟེར་ཏེ།གཉིས་ཀའི་གཤིས་ཀའི་ནང་དུ་ཨུ་ཚུགས་ཀྱི་ཆ་ངེས་ཅན་རེ་ཡོད་ཅིང་།མི་རིག་འདྲ་རིག་ན་དགོད་བྱེད་དང་།ཟོག་རིག་འདྲ་རིག་ན་འཁོན་བྱེད་ཅེས་ཡའི་དཔེ་ལྟར་བརྙན་ཡོལ་བརྒྱུད་ནས་ཁྱེད་ཚོར་དགོད་ཁ་ཡང་མང་བོ་ཞིག་སློང་ཡོད་ངེས།འདི་གར་ང་རང་གི་ལྟ་སྟངས་ལ་ཁ་ལོ་བ་སྦྱིན་པ་དང་ལག་དམར་སྦྱིན་པ་གཉིས་ནི་མི་གཅིག་ཡིན་པར་མཐོང་སྟེ།ཐོག་མར་མིང་གི་ཆ་ཡིན་ཏེ་གློག་བརྙན་དང་རྩོམ་རིག་གང་ཡིན་ཙང་དེ་རུ་མིང་གཅིག་པ་རེ་མཐོང་དུས་དེ་གཉིས་ལ་འབྲེལ་བ་ངེས་ཅན་ལྡན་ཏེ་རྒྱ་ནག་གི་ཐོག་ཁང་དམར་བོའི་རྨི་ལམ་ནང་གི་ཅ་པའོ་ཡུས་དང་ཀྲིན་པའོ་ཡུས(贾宝玉和甄宝玉)ལྟ་བུ་ཡིན་ལ།ལྷག་པར་གློག་བརྙན་ལྟ་བུར་མཚོན་ན་དེ་ལ་དགོས་མེད་ཀྱི་བརྙན་འཇོག་པའི་དགོས་པ་མེད་པར་མཐོང་།
གཉིས་པ་ནི་དེ་གཉིས་ཀའི་གཤིས་རྒྱུད་ལ་ཨུ་ཚུགས་ཀྱི་ཆ་ཡོད་པ་དེ་ཡིན་ལ།ལྷག་ཏུ་ཁམས་པ་བའི་ཇ་ཁང་ནང་དུ་ཕྱི་ལ་བལྟས་པའི་སྐབས་ཀྱི་མཐོང་ལམ་དུ་གྱུར་བའི་བརྙན་དེའང་གཅིག་པ་གཅིག་རྐྱང་ཡིན་ལ་ཇ་ཁང་དེའི་ནང་གི་ཐོས་པའི་ལབ་གླེང་གི་ཚུལ་ཡང་གཅིག་པ་ཡིན།གློག་བརྙན་ཞིག་གི་ནང་དུ་མི་དེ་གཉིས་གཅིག་པ་ཡིན་པར་རྒྱུ་མང་བོ་འཇོག་དགོས་ཡོད་དེ་གཤིས་ཀ་དང་མིང་ལྟ་བུའི་འདི་འདྲའི་བར་མཚམས་མ་གསལ་བ་ཞིག་བཞག་པ་ནི་ང་རང་གློག་བརྙན་འདིར་དགའ་རྐྱེན་ཡིན་ཏེ་མཐའ་གཅིག་ཏུ་དེ་གཉིས་གཅིག་པར་བསྒྱུར་ཚེ་ཡུལ་དུས་བརྒལ་བའི་གློག་བརྙན(穿越剧)ཏུ་འགྱུར་ཉེན་ཆེ་སྟེ།དེ་ལྟ་བུར་གྱུར་གློག་བརྙན་ཡང་ཡག་པོ་ཞིག་ཏུ་འཁྱོངས་མི་ཐུབ་པ་མ་ཟད་བརྗོད་དོན་ཡང་ཉོག་པོར་ཆགས་འགྲོ།
དེ་བས་ངས་ཁ་ལོ་བ་སྦྱིན་པ་ནི་གློག་བརྙན་ཧྲིལ་བོའི་ནང་གི་དངོས་དེ་ཡིན་ལ།ལག་དམར་སྦྱིན་པ་ནི་ལོ་མང་བོ་ཞིག་སྔོན་གྱི་ཁ་ལོ་བ་སྦྱིན་པ་ཡིན་པར་མཐོང་སྟེ།ཁ་ལོ་བ་སྦྱིན་པས་དུས་རྒྱུན་མིག་ཤེལ་གྱོན་འདུག་པ་དེའང་ཧྤ་རན་སིའི་གློག་བརྙན་ལག་དམར་(这个杀手不太冷Leon the professional)ཞེས་པ་དེའི་ནང་ལེ་ཨང་གིས་མིག་ཤེལ་གྱོན་པ་དང་འདྲ་སྟེ།དེ་ནི་དགྲ་ཤ་ལངས་པའི་བརྡ་རྟགས་ལྟ་བུ་ཞིག་ཡིན།ལག་དམར་སྦྱིན་པས་སྣ་ཐ་འཐེན་པ་དང་སྦྱིན་པས་ཐ་མག་འཐེན་པ་ལས་སྦྱིན་པའི་སྐབས་དེ་ཤེད་ཀྱི་སེམས་ཁྲལ་མཐོང་ཐུབ་སྟེ།ལག་དམར་སྦྱིན་པ་ལ་གཞན་གྱིས་བྱིན་པའི་ཐ་མག་དང་སྐད་ཆ་དེ་དག་གིས་ཀྱང་དགྲ་ཤ་ལངས་རྗེས་ཐ་མག་འཐེན་པའི་གོམས་གཤིས་ཤིག་གྲུབ་པར་ལུང་བསྟན་པ་དང་མཚུངས།
དེ་མ་ཟད་དགོན་པ་ནས་མཐོང་བའི་སྤྲང་བོ་དེའང་སྦྱིན་པ་རང་གི་བསྡུས་གཟུགས་ལྟ་བུ་ཡིན་ཏེ་དགྲ་ཤ་ལངས་རྗེས་ཁོ་རང་ཡང་སྤྲང་བོ་ཞིག་དང་འདྲ་བར་གང་སར་འཁྱམས་མྱོང་།དེ་བས་ཀྱང་འདིའི་ནང་གི་སྤྲང་བོ་དེའི་ཆ་བྱད་དང་ལག་དམར་གྱི་ཆ་བྱད་གཉིས་བསྡུར་ཚེ་དེ་ནི་ལག་དམར་རེད་དམ་སྙམ་པའི་ཐེ་ཚོམ་ཞིག་བདག་ལ་སྦྱིན་བྱུང་ལ།ཁ་ལོ་བས་དེ་ལ་དངུལ་འབོར་ཆེན་ཞིག་སྦྱིན་པའང་རང་གི་གཟུགས་བརྙན་མཐོང་བས་མིན་ནམ་སྙམ།ཤན་པ་དེའང་སྦྱིན་པའི་བསྡུས་གཟུགས་སུ་མཐོང་ལ་དགྲ་ཤ་ལངས་རྗེས་ཁོ་ཡུལ་ངེས་མེད་དུ་འཁྱམས་ཤིང་ལས་གང་ཡིན་ལས་པ་དྲན་པའི་རྟགས་མཚོན་ཞིག་ཡིན་ནམ་སྙམ།ད་དུང་མ་བཀྲའི་བུ་དེའང་རང་གི་ཆུང་དུས་ཀྱི་བསྡུས་གཟུགས་སུ་མཐོང་།
གཉིས་པ།གློག་བརྙན་ནང་གི་དངོས་དང་ཟོལ།
གློག་བརྙན་གྱི་འཁྲབ་གཞུང་ནི་ཚེ་དབང་ནོར་བུའི་བརྩམས་སྒྲུང་ལག་དམར་ལས་བསྒྱུར་སྒྲིག་བྱས་པ་ཡིན་ཏེ།སྒྱུ་འཕྲུལ་དངོས་ཡོད་རིང་ལུགས་ཀྱི་ཁྱད་ཆོས་ངེས་ཅན་ཞིག་ལྡན་ངེས།གློག་བརྙན་འདིའི་དབྱིན་ཇིའི་མིང་ལ་སྦྱིན་པ་ཟེར་ལ།རྒྱ་ཡིག་གི་མིང་རྒྱབ་ནས་བསད་པའི་ལུག་ཅིག་ཟེར་ལ་བོད་སྐད་དུ་ལག་དམར་ཟེས་ནས།གཏམ་རྒྱུད་འདི་ནི་དངོས་ཡོད་འཚོ་བ་དང་ཕྱིར་དྲན།འཆར་ཡན།རྨི་ལམ་སོགས་རྒྱུད་པ་ཞིག་ཡིན་པས་དེ་ལ་དུས་ཚོད་ཀྱི་སྒྲིག་རིམ་བརྟན་པོ་ཞིག་མེད་པས་འདིར་གློག་བརྙན་གྱི་སྒྲིག་རིམ་དེ་གཏོར་ནས་བཤད་ངེས།
དངོས་ཡོད་འཚོ་བ་ལས་བྱུང་བ་ནི་ཁ་ལོ་བ་སྦྱིན་པས་ཨ་ཆེན་གངས་རྒྱབ་ནས་ཤར་རླུང་རྟགས་ཅན་གྱི་རླངས་འཁོར་དེ་སྐོར་ནས་འགྲོ་སྐབས་ལུག་གཅིག་ལ་རླངས་འཁོར་གྱིས་རྒྱབ་ནས་བསད་རྗེས་དེ་དང་འབྲེལ་བའི་འཆར་ཡན་བྱས་པ་དེ་བརྙན་ཡོལ་བརྒྱུད་ནས་བསྟན་པ་ཡིན་ཏེ།དེ་ནི་གློག་བརྙན་འདིར་ཡོད་པའི་དངོས་དེ་ཡིན།
ཕྱིར་དྲན་ནི་ལོ་མང་བོ་ཞིག་གི་སྔོན་ལ་སྦྱིན་པས་དངུལ་གྱིས་ཤན་པའི་ཁམས་གྲི་ཞིག་བཏགས་ནས་ས་ནག་ཏུ་ཕ་གསོད་དགྲ་བོར་དགྲ་ཤ་རྩོད་དུ་སོང་བ་དེ་དྲན་འོངས་ལ།དེ་དང་འབྲེལ་ནས་ལུག་དེ་ལ་བསྔོ་བ་ཞུས་པ་ནི་རང་གི་ཕ་གསོད་གྱི་དགྲ་བོ་མ་བཀྲ་དང་དེའི་བསད་པའི་རང་གི་ཕ།ད་དུང་དེ་ལས་ཀྱང་ལྷག་པའི་དམར་འཛིང་ནང་དུ་ཤི་བའི་མི་མང་བོ་ཞིག་ལ་བསྔོ་བ་ཞུས་པ་དང་མཚུངས་ལ།དེ་དང་བསྟུན་ནས་དེའི་རྗེས་ནས་ལག་དམར་གྱི་རྩད་བཅད་ཅིང་རྗེས་འདེད་པ་ནི་སྔར་བྱས་ལ་འགྱོད་པ་བྱ་བ་དང་འདྲ་སྟེ།གློག་བརྙན་དུ་མཐོང་བའི་མ་བཀྲ་མ་བསད་པར་བསྐྱུར་བ་དང་ཁ་ལོ་བས་བཀག་འགོག་བྱ་བར་འདོད་པ།དེའི་དོན་དུ་སེམས་མི་བདེ་བ་སོགས་ཀྱང་དེ་འདྲ་མཚོན་ཕྱིར་དུ་ཡིན་ནམ་སྙམ།
འཆར་ཡན་ནི་དེ་དང་འབྲེལ་ཏེ་རང་གི་ཁྱིམ་ཚང་གི་དོན་དག་རྣམས་ཡང་ལོ་མང་བོའི་སྔོན་གྱི་རང་ཉིད་ལ་བཤད་ཅིང་།བུ་མོ་ཉི་མ་དང་འདས་ཟིན་པའི་བཟའ་ཟླ་སོགས་རེ་རེ་བཞིན་བཤད་པ་ནི་འཆར་ཡན་བྱས་པ་ཡིན་ལ།ས་ནག་ལ་ཐོན་དུས་ས་རུབ་ཡོད་ནའང་དགོན་པ་དང་དགའ་རོགས་ཀྱི་གམ་དུ་ཡོད་ཚེ་ཉིན་མོ་ཡིན་པ།དེ་གཉིས་ཐག་རིང་བའི་དབང་དུ་བྱས་ན་རྗེས་མར་ལག་དམར་འཚོལ་དུ་འགྲོ་བའི་སྐབས་སུ་ཉིན་མོ་གཅིག་ཕར་འགྲོ་ཚུར་འོངས་བྱ་ཐུབ་པས་ལུག་ཤི་རོ་དེ་དགོན་པར་བསྔོ་བ་ཞུ་རུ་སོང་བ།དེ་དུར་ཁྲོད་དུ་སྐྱེལ་བ།དགའ་རོགས་ཀྱི་གམ་དུ་སོང་བ་སོགས་ནི་དངོས་ཡོད་ཀྱི་སྟེང་ནས་གྲུབ་ཏུ་མེད་པ་ཞིག་ཡིན་འདུག་སྙམ་བྱུང་།དགའ་རོགས་དང་ཐུག་པའི་དུས་དེར་ཡང་ཉི་འོད་དང་ལྡན་པའི་ཁང་ཆུང་ཞིག་ཏུ་ཡོད་པ་ནི་ཁྱིམ་གང་བོའི་ལྷན་འཛོམས་ཀྱི་བརྙན་རིས་ཤིག་ཅི་ལ་མིན་པར་འདོད་བྱུང་སྟེ།འོན་ཀྱང་དེ་ནི་ཡུན་ཐུང་བའི་རོ་ཙ་དེ་དང་འདྲ་བར་རྨེག་མེད་དུ་གྱུར།
ཁམས་པའི་ཇ་ཁང་དེ་ནི་བརྙན་རིས་ཧྲིལ་བོའི་ནང་གི་རིང་ཤོས་དེ་ཡིན་ལ་དོན་དག་ཧྲིལ་བོ་མཐོང་བའི་གནས་ཤིག་ཀྱང་ཡིན།དེ་རུ་བློ་གསལ་གྱི་གླུ་དབྱངས་དང་པེ་ཝེ་སྦི་རག་དང་།ལྷ་སའི་སྦི་རག བོད་ཐུག་དང་ཤ་མོག ཁམས་པ་བ་ཚོའི་རྩེད་མོ་དང་ལབ་གླེང་སོགས་ནི་སྦྱིན་པ་གཉིས་ཀ་དེར་ཐོན་པའི་སྐབས་སུ་ཡོད་ཅིང་།ལྷག་པར་སྒེའུ་ཁང་ཕྱི་རོལ་དུ་བལྟས་པའི་བརྙན་དེ་དག་ནི་གཅིག་པ་གཅིག་རྐྱང་དུ་ཡོད་པས་དངོས་ཡོད་ཀྱི་ནང་དུ་གཤོངས་དཀའ་བ་ཞིག་ཡིན་ལ།མ་བཀྲ་འཚོལ་དུ་སོང་བ་ལས་ཀྱང་གཉིས་ཀ་འགྲོ་དུས་ཀྱི་གནས་ཚུལ་ཀྱང་འདྲ་བ་ཡིན་ཏེ།མཇུག་འབྲས་མ་འདྲ་བ་ཞིག་བྱུང་བ་ནི་ཁ་ལོ་བ་སྦྱིན་པའི་སྔར་བྱས་ལ་འགྱོད་པའམ་ངེས་འབྱུང་སྐྱེས་པའི་ཚུལ་ཤིག་ཡིན་པར་སྙམ་མོ།
ཆེས་མཇུག་གི་སྦྱིན་པའི་རྨི་ལམ་དེ་ནི་གློག་བརྙན་ཧྲིལ་བོའི་ངོ་བོ་ལ་བསྒྱུར་བཟོ་གཏོང་བྱེད་དེར་མཐོང་ལ།དེ་ནི་བརྙན་གཟིགས་པ་དག་ལ་ར་སྤྲོད་པའི་ཐབས་ཤེས་ཤིག་ཀྱང་ཡིན་པར་འདོད།ཧྥ་རོ་དབྱི་ཏིས་རྨི་ལམ་གྱི་བརྒྱུད་རིམ་ནི་ཉིང་བསྡུས།གོ་བརྗེ།ཟློས་གར་ཅན།བརྒྱུད་སྒྲིག(凝缩、换位、戏剧化、润饰)སོགས་ཀྱི་གོ་རིམ་བརྒྱུད་པར་བཤད་ཅིང་དེ་ལ་དངོས་ཡོད་ཀྱི་གཞི་རྟེན་ཡོད་ལ་དུས་ཚོད་སོགས་ཀྱི་བཀག་རྒྱ་ཡིས་མ་ཆོད་པ་ཞིག་ཡིན་པས་དེ་ནི་གློག་བརྙན་འདིའི་ངོ་གདོང་གསལ་བར་བྱེད་པའི་རྒྱུ་དེ་རུ་ཆགས་འདུག་ལ།གཉིད་ལས་སད་རྗེས་སླར་ཡང་དངོས་ཡོད་ཀྱི་ནང་དུ་སླེབས་ཤིང་ཁ་ལོ་བ་སྦྱིན་པས་འཛུམ་དང་བཅས་ཏེ་མིག་ཤེལ་བླངས་པ་ནི་རང་གི་སྔར་བྱས་ལ་གུ་ཡངས་བྱིན་ཞིང་གི་རང་གི་བསམ་པའི་ལེགས་འགྱུར།རང་གི་སྔར་བྱས་པ་དག་ལས་ཐར་བའི་མཚོན་སྟངས་ཤིག་མིན་འགྲོ་བསམ་བྱུང་།རྒྱ་ནག་འཁྲབ་ཁྲིད་མཁན་པུས་ཀན(毕赣)བྱ་བ་དེའི་གློག་བརྙན་ལམ་འགྲམ་གྱི་ཚ་ཕོག(路边野餐)བྱ་བ་དེ་ལའང་འདི་དང་ཅུང་འདྲ་བའི་གོ་རིམ་སྒྲིག་སྟགས་ཤིག་ཡོད་ལ།འདི་གཉིས་ཀར་རང་ངོས་ནས་སོ་སོའི་ཁྱད་ཆོས་ལྡན་པར་མཐོང་།
གུང་སྒྲིག་ཏེ་བཤད་ན་མིང་ལ་སྦྱིན་པ་ཟེར་བའི་ཁ་ལོ་བ་ཞིག་གིས་ཨ་ཆེན་གངས་རྒྱབ་ཏུ་དངོས་ཟོག་དྲུད་ནས་འགྲོ་བའི་སྐབས་སུ་ལུག་གཅིག་ལ་རྡུང་བ་དང་བསྟུན་ནས་ཕྱིར་དྲན་བགྱིས་ཏ།མ་བཀྲ་ཟེར་མཁན་ཞིག་གིས་སྦྱིན་པ་ལོ་ཆུང་ངུའི་དུས་སུ་ཕ་བསད་ཅིང་།ལོ་དར་ལ་ཆགས་རྗེས་ས་ནག་ཏུ་སོང་བས་དགྲ་ལེན་པ་དང་དེའི་བརྒྱུད་རིམ་དང་།རྗེས་སུ་སྤྲང་བོ་བཞིན་ཡར་མྱུལ་མར་མྱུལ་བྱས་ལ་འཚོ་ཚིས་དོན་དུ་བྱ་བ་ཡར་མར་མང་བོ་བྱས་ཤིང་རྗེས་སུ་བཟའ་སྒྲིག་བྱས་ཤིང་བུ་མོ་ཞིག་བཙས་པ་སོགས་དྲན་པ་དེ་འདྲ་ཞིག་ཡིན་ནམ་སྙམ།སྤྱིར་བཏང་གློགབརྙན་དང་རྩོམ་རིག་སོགས་རང་ངོས་གོ་བ་ལེན་སྟངས་མང་ཙམ་ཡོད་དེ།འདི་ནི་རང་ཉིད་ཀྱི་གློག་བརྙན་འདིར་གོ་བ་ལེན་སྟངས་ཙམ་ཡིན།
མདོར་ན་པདྨ་ཚེ་བརྟན་གྱི་གློག་བརྙན་ལག་དམར་ལ་བལྟས་པ་ནི་སྦྱིན་པའི་རོ་ཙ་སྤྱད་པ་དང་འདྲ་བར་ཡུན་ཐུང་ཡང་བདེ་བ་ཁྱད་པར་བ་ཡོད་པ་ཞིག་ཡིན།


2019.4.27ཉིན་བལྟས་ཚར་རྗེས་ཀྱི་དགུང་མོ་ཤར་མར་བྲིས།

撞死了一只羊的相关影评

  • 6.4分 高清

    极光之爱

  • 7.4分 高清

    爱,藏起来

  • 6.4分 高清

    基友大过天

  • 7.1分 高清

    赤裸而来

  • 7.5分 高清

    萌动

  • 6.4分 高清

    神的孩子奇遇记

  • 7.5分 高清

    日后此痛为你用

  • 7.7分 高清

    非诚勿语

下载电影就来米诺视频,本站资源均为网络免费资源搜索机器人自动搜索的结果,本站只提供最新电影下载,并不存放任何资源。
所有视频版权归原权利人,将于24小时内删除!我们强烈建议所有影视爱好者购买正版音像制品!

Copyright © 2022 米诺视频 icp123